བླ་མས་གདམས་ཀྱང་མ་དག་འབྲི།།
བཤེས་ཀྱིས་བསླབས་ཀྱང་མ་དག་འབྲི།།
ཕ་མས་གཤེ་ཡང་མ་དག་འབྲི།།
གྲོགས་ཀྱིས་འཕྱ་ཡང་མ་དག་འབྲི།།
བསམ་ཤེས་མེད་ནས་མ་དག་འབྲི།།
ལ་རྒྱ་མེད་ནས་མ་དག་འབྲི།།
འགན་འཁུར་མེད་ནས་མ་དག་འབྲི།།
ངོ་ཚ་མེད་ནས་མ་དག་འབྲི།།
མ་དག་བོད་ཡིག་འབྲི་བ་དེ།།
མི་རབས་གསུམ་པའི་ན་ཚ་ཡིན།།
མི་རིགས་ཡལ་བའི་ཐན་ལྟས་ཡིན།།
རིག་གཞུང་བརླག་པའི་གཞི་མ་ཡིན།།
བོད་ཡིག་དག་པོ་འབྲི་བའི་རྩལ།།
མེད་ན་མྱུར་དུ་འཐོབ་པར་ཤོག།
ཡོད་ན་ཡོད་བློས་མ་ཕུང་བར།།
གོང་ནས་གོང་དུ་འཕེལ་བར་ཤོག།
No comments:
Post a Comment