གནམ་གཤིས་ཚ་དྲོད་སྙོམས་ས།།
བཅུད་ལྡན་ཤིང་འབྲས་མང་ས།།
ཡར་མར་འགྲོ་སྟབས་བདེ་ས།།
ང་ཡི་སྦེལ་ཀོབ་སློབ་གླིང་།།
སློབ་ཕྲུག་སྣ་ཚོགས་འདུ་ས།།
སྣ་མང་རིག་གནས་སྦྱོང་ས།།
དུས་མཐུན་ཆ་རྐྱེན་འཛོམས་ས།།
ང་ཡི་སྦེལ་ཀོབ་སློབ་གླིང་།།
རེ་བ་འབུམ་ཕྲག་བཅོལ་ས།།
སྙིང་གཏམ་དམར་པོ་བཤད་ས།།
སེམས་ཀྱི་བུང་བ་འཁོར་ས།།
ང་ཡི་སྦེལ་ཀོབ་སློབ་གླིང་།།
༸རྒྱལ་བའི་བཀའ་དགོངས་སྒྲུབ་ས།།
ཕྱི་མའི་ལམ་རྒྱགས་གསོག་ས།།
བདེ་འཇགས་འཚོ་བར་རོལ་ས།།
ང་ཡི་སྦེལ་ཀོབ་སློབ་གླིང་།།
གསོན་ན་འཚོ་བ་སྦྱར་མཁན།།
ན་ན་ནད་བཅོས་གནང་མཁན།།
ཤི་ན་རྗེས་འཇུག་སྒྲུབ་མཁན།།
ང་ཡི་སྦེལ་ཀོབ་སློབ་གླིང་།།
No comments:
Post a Comment