བཅུ་གཅིག་གསེར་ཉའི་འཛིན་ཁང་དུ།།
སྟག་ཤར་གཞོན་པ་བཅུ་གསུམ་དང་།།
སྨན་ཆུང་བུ་མོ་བཅུ་དྲུག་སྟེ།།
བསྡོམས་པའི་སློབ་མ་ཉེར་དགུ་འདུག།
ཁོང་ཚོའི་སྦྱངས་འབྲས་ལ་གཞིགས་ན།།
དུས་ཚིགས་དང་པོའི་ཡིག་རྒྱུགས་སྐབས།།
ཉེར་དགུའི་ནང་ནས་ཉེར་བདུན་ནི།།
ཡིག་རྒྱུགས་གཙང་འཕྲོད་ཐུབ་པ་བྱུང་།།
ཁོང་ཚོའི་མཉམ་རུབ་ལ་མཚོན་ན།།
རྩེད་འགྲན་གང་ཞིག་བྱེད་ན་ཡང་།།
སློབ་མ་ཚང་འཛོམས་བྱས་པའི་ཐོག།
རྩེད་འགྲན་པ་ལ་སེམས་ཤུགས་སྐྱེད།།
ཁོང་ཚོའི་སེམས་པ་ལ་མཚོན་ན།།
ཁོང་ཚོར་འཛིན་དགེ་སློབ་དགེ་ཚོས།།
ཇི་ལྟར་གཤེ་བར་གྱུར་ན་ཡང་།།
ཉེས་པ་དང་ལེན་བྱེད་པ་ཡིན།།
No comments:
Post a Comment