དཀའ་སྤྱད་རྟ་ཕོར་བཅིབས་ཏེ།།
བསྒྲུགས་པའི་ཤེས་རིག་ནོར་བུ།།
ཕངས་མེད་སྩོལ་བར་མཛད་ཀྱང་།།
རྒྱན་དུ་འདོགས་མཁན་དཀོན་པ།།
རང་སྐད་དགོས་འདོད་ཀུན་འབྱུང་།།
རྐང་པའི་འོག་ཏུ་མནན་ནས།།
གཞན་སྐད་ནོར་བུ་ཕལ་པ།།
དོན་དུ་གཉེར་མཁན་མང་བ།།
གངས་རིས་བསྐོར་བའི་ཞིང་ནས།།
དཔའ་དཔོ་མི་འཇིགས་སེང་གེས།།
རང་སྲོག་བཏང་བར་མཛད་ཀྱང་།།
སེམས་པ་གཡོ་མཁན་དཀོན་པ།།
ཤ་ཁྲག་འབྲེལ་བ་མེད་པའི།།
ཆ་མེད་གཞས་པ་གཞས་མའི།།
འདྲ་དཔར་སྟོན་པའི་སྐུ་བཞིན།།
གཅེས་ཉར་བྱེད་མཁན་མང་བ།།
དྲིན་བྱས་དྲིན་དུ་ཚོར་ནས།།
སློབ་གྲྭར་དགའ་མཁན་དཀོན་པ།།
སྨྱོན་པའི་ངང་ཚུལ་བཟུང་ནས།།
སློབ་གྲྭར་སྡང་མཁན་མང་བ།།
No comments:
Post a Comment