གཞིས་བྱེས་ལྷན་འཛོམས་ཉིན་མོ།།
འཆར་རྒྱུ་ཡིད་ལ་བཅང་དགོས།།
རང་དབང་འཐབ་རྩོད་ལས་ཀ།
རྒྱུན་ཆད་མེད་པར་བྱ་དགོས།།
རྒྱལ་བ་ཡིད་བཞིན་ནོར་བུ།།
བོད་ལ་ཕེབས་རྒྱུ་དྲན་དགོས།།
བོད་ཀྱི་སྐད་དང་ཡི་གེ།
རྒྱུན་འཛིན་ལས་ལ་བརྩོན་དགོས།།
བོད་བརྒྱུད་ནང་བསྟན་རིན་ཆེན།།
ཀུན་ལ་ཁྱབ་རྒྱུ་བསམ་དགོས།།
བསྟན་པའི་རྩ་ཆེའི་བསླབ་བྱ།།
ཉམས་སུ་བླང་རྒྱུར་འབད་དགོས།།
ཉིས་སྟོང་བཅུ་དྲུག་ལོའི་ཟླ་བ་བཅིུས་པའི་ཚེས་ཉེར་བཞིའི་ཉིན་བྲིས།
No comments:
Post a Comment