Friday, 8 December 2023

དགའ་སྐྱིད།

དཔལ་ལྡན་སློབ་སྤྱི་མཆོག་གིས།། 
དགོངས་པ་གནང་བས་དགའ་སོང་།། 
དོ་ནུབ་འདི་ནས་ཐོན་ཏེ།། 
སང་ཉིན་འབྱོར་བས་སྐྱིད་སོང་།།

Saturday, 9 September 2023

ང་ཚོའི་དགའ་བའི་ཉིན་མོ།

ལོ་གཅིག་ཟླ་བ་བཅུ་གཉིས།། 
དུས་ཆེན་འདྲ་མིན་སྣ་ཚོགས།། 
ང་ཚོའི་དགའ་བའི་ཉིན་མོ།། 
དགུ་ལྔའི་དགེ་རྒན་ཉིན་མོ།།

Saturday, 2 September 2023

སྦེལ་མོན་གཉིས་ཀྱི་ཁྱད་པར།

ཐལ་རྡུལ་ཉུང་བའི་ཁྱད་ཀྱིས།། 
སྦེལ་ཀོབ་བཟང་བར་གྲགས་ཀྱང་།། 
དོན་ལ་ཞིབ་པར་དཔྱད་ན།། 
མོན་གྷོ་བཟང་བ་རེད་འདུག། 

Tuesday, 13 June 2023

ཕྱི་ལོ་གསར་པའི་ཆོད་སེམས།

འཇིགས་ཞུམ་སྔས་འོག་མི་འཛུལ་བར།། 
སེམས་ཤུགས་དར་ཆ་མཐོར་བསྒྲེངས་ཏེ།། 
དབང་པོ་རྟུལ་བའི་སློབ་མས་ཀྱང་།། 
འཁྲིད་ཚན་གོ་བར་བྱེད་ངེས་ཡིན།།

ཆང་ལ་དུག་ཆུ་ཟེར་བ།

ཆང་ལ་དུག་ཆུ་ཟེར་བ།། 
དངོས་གནས་དོན་ལ་གནས་འདུག། 
འཐུང་དུས་ཞིམ་རྒྱུ་མི་འདུག། 
བཏུངས་ནས་ཕན་རྒྱུ་མི་འདུག། 

Tuesday, 17 January 2023

འཛིན་གྲྭ་འགའ་ཡི་སློབ་མ་ལ་བྲིས་པའི་བསྟོད་རྩོམ།

འཛིན་གྲྭ་དྲུག་པ། 
སློབ་སྦྱོང་བྱེད་ལ་གཅིག་ལས་གཅིག་བརྩོན་རེད།། 
རིགས་ལམ་རྩོད་ལ་གཅིག་ལས་གཅིག་ངར་རེད།། 
གཏམ་བརྗོད་འཁྲབ་ལ་གཅིག་ལས་གཅིག་མཁས་རེད།། 
དྲུག་པའི་སློབ་མ་གཅིག་ལས་གཅིག་བཟང་རེད།། 

བྱ་མང་པོའི་ཆོས་པ་དབང་པོ་བྱས་བཏོན་པ།

བོད་ཀྱི་སྤུ་ཧྲེང་ཟེར་བའི་ལུང་པ་ལ་པད་ཁོལ་ཞེས་པའི་མཚོ་ཞིག་ཡོད་ལ། དེའི་ཕར་ཕྱོགས་ལ་གྱང་ཞིག་ཡོད། གྱང་དེ་ནི་རྗེ་བཙུན་མི་ལ་རས་པའི་བཞུགས་གནས་ཡིན། མཚོ་དང་གྱང་གི་བར་ལ་བྱ་མང་པོ་ཞེས་པའི་གྲོང་ཚོ་ཞིག་ཡོད། 

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།