དམར་ཆུང་གི།
དུམ་བུ་དེ།།
ནད་ངན་གྱིས།།
མནར་ནས་འདུག།
བཞིན་མདངས་དེ།།
ཉམས་ནས་འདུག།
གསུང་སྙན་དེ།།
ཡལ་ནས་འདུག།
འགྲོ་བཟོ་དེ༎
འཁྱོར་ནས་འདུག།
ཡི་ག་དེ།།
འཆུས་ནས་འདུག།
སྐྱོ་སྣང་དེ།།
མཐོང་རིམ་བཞིན༎
སེམས་ཁོང་ན༎
ཟུག་གཟེར་ལྡང༌༎
ཉིན༌ཟས་ལ༎
བྲོ་བ་དམན༎
མཚན་གཉིད་ལ༎
བདེ་བ་ཆུང༌༎
མཐུ་ལྡན་གྱི།།
མི་ཡིན་ན༎
སྡུག་བསྔལ་དེ།།
སེལ་ན་འདོད༎
བརྟག་མཁས་ཀྱི།།
རྗེ་ཡིན་ན༎
སྨན་ཞིག་གིས༎
གསོ་ན་འདོད༎
བསླུ་མེད་ཀྱི༎
མཆོག་གསུམ་གྱིས༎
ཐུགས་བརྩེ་ཡིས༎
གཟིགས་པར་འཚལ༎
ནད་ངན་ལས༎
མྱུར་གྲོལ་ནས༎
བདེ་གནས་སུ༎
འཚོ་བར་སྨོན༎
2010།10།05
No comments:
Post a Comment