Tuesday, 29 January 2013

སྨྱོ་ལབ།


ནོར་མེད་ཀླད་མེད་འདོ་མེད་ཀྱི་མི་ལ༎
བུ་ལོན་བླུན་རྟགས་སེམས་ངལ་གྱིས་མནར་དུས༎
ཉི་ཚེའི་བྱ་བར་ཞུགས་པ་ཡི་ལོ་ཟླར༎
མ་བསམ་ས་ནས་ཁོང་ཁྲོ་ཞིག་ལང་གི།


བུ་ལ་དགོས་རྒྱུའི་བློ་སྣ་དེ་མེད་ན༎
ནོར་དང་འགྱོད་པའི་སྡུག་བསྔལ་རང་ཉོ་གི།
མ་དྲན་སྡུག་བསྔལ་རང་ཐོག་ཏུ་འབབ་དུས༎
ཉི་འོད་མེད་པའི་ཉིན་མོ་དང་འདྲ་བྱུང༌༎

ཉི་ཤུ་བདུན་གྱི་ལོ་ཚད་ལ་སླེབས་མོད༎
མ་སྨིན་བྱིས་པའི་ངང་ཚུལ་དེ་འཛིན་པས༎
ནོར་དང་འདྲ་བའི་བློ་གྲོས་ཤིག་མེད་དུས༎
བུ་ལུས་ཐོབ་ཀྱང་དགའ་རྒྱུ་རང་མི་འདུག།

མ་ལོ་མ་མཇལ་ཡུན་རིང་ཞིག་འདས་པས༎
ཉི་ཟླའི་འཁོར་འགྲོས་སྔར་མུས་བཞིན་གནས་ཀྱང༌༎
བུ་ངའི་སེམས་འཚབ་ཉིན་རེ་ནས་འཕེལ་ཏེ༎
ནོར་ལུག་འཚོ་སའི་རྩ་ཐང་ཡང་དྲན་གྱི༎

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།