ཡོན་ཏན་གྱིས་དབུལ་བ་ང༌༎
བུ་ལོན་གྱིས་ཕྱུག་པ་ང༌༎
རྣམ་དཔྱོད་དང་བྲལ་བ་ང༌༎
རང་ཤེད་དང་ལྡན་པ་ང༌༎
ངོ་གདོང་དེ་སྐྱོ་བ་ང༌༎
ལུས་པོ་དེ་རིད་པ་ང༌༎
གོན་ཆས་དེ་གཟན་པ་ང༌༎
འགྲོ་བཟོ་དེ་འཆལ་བ་ང༌༎
སྐད་གདངས་དེ་རྩུབ་པ་ང༌༎
གཏམ་བརྗོད་ལ་དོན་མེད་ང༌༎
བཤད་རྒྱུ་ནི་འབེལ་བ་ང༌༎
བཤད་ཉམས་དང་བྲལ་བ་ང༌༎
ཕུགས་བསམ་དེ་ཐུང་བ་ང༌༎
ཧོར་རྒྱུག་ནི་ཆེ་བ་ང༌༎
བརྩོན་པ་ཡིས་ཕོངས་པ་ང༌༎
བསམ་མེད་ཀྱི་བྱིས་པ་ང༌༎
འཕྱི་སད་ཀྱི་འུག་པ་ང༌༎
ཞོགས་ཉལ་གྱི་ཕག་པ་ང༌༎
འཁྱམ་མྱུལ་གྱི་ཁྱི་ལྡོམ་ང༌༎
འདོ་མེད་ཀྱི་མི་བུ་ང༌༎
སྣ་ཐུང་གི་མི་ངན་ང༌༎
ངན་གོམས་ཀྱི་ཐ་ཤལ་ང༌༎
གོས་ངན་གྱི་སྤྲང་པོ་ང༌༎
བློ་མེད་ཀྱི་བླུན་པོ་ང༌༎
མཛའ་མོ་ལ་སྡུག་སྟེར་ང༌༎
ཕ་མ་ཡི་རེ་འདོར་ང༌༎
མཐོ་སློབ་ཀྱི་དཀོར་གཟན་ང༌༎
སྤྱི་ཚོགས་ཀྱི་གད་སྙིགས་ང༌༎
2010།10།10
No comments:
Post a Comment