Tuesday, 29 January 2013

ཁྱེད་ལ་དགའ།


པ་ལོ་འཇམ་ལ་བཞིན་རས་ལྟ་ན་སྡུག།
སངས་རྒྱས་ཆོས་ལ་བསླབས་པས་ནང་སེམས་དཀར༎
ལྷ་ལ་མཆོད་ཅིང་དམན་ལ་བྱམས་སེམས་ཅན༎
མོ་བཟང་ཁྱེད་ལ་ང་རང་ཤིན་ཏུ་དགའ༎


མོ་བརྒྱབ་བྱས་ནས་ཁྱེད་ལ་དགའ་བ་མིན༎
ལྷ་ཡི་ལུང་བསྟན་བྱུང་ནས་བདམས་པ་མིན༎
སངས་པའི་དྲན་པས་རང་སེམས་ཟིན་པའི་ངང༌༎
པ་ཏྲའི་ཁྱད་ཆོས་འཛིན་པས་དགའ་བ་ཡིན༎

ཁྱེད་ཀྱི་ལྷད་མེད་བརྩེ་དུང་མཚོན་རྟགས་དེ༎
རང་གི་ལུས་གོས་ཐོག་ནས་གསལ་བར་རྟོགས༎
་ཀླུང་མང་པོས་བར་དུ་གཅད་འགྱུར་ཀྱང༌༎
དགའ་མ་ཁྱེད་ལས་བསམ་རྒྱུ་ང་ལ་མེད༎

03།11།2010

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།