Tuesday, 20 October 2015

དྲན་གྱི།

ཚེ་སྔོན་ལས་ཀྱི་མཐུ་ལས།།
རྩོམ་སྒྱུར་ཟབ་སྦྱོང་ནང་ལ།།
ཟླ་གཅིག་ཞག་མ་བཞིའི་རིང་།།
བསྡད་རྒྱུའི་གོ་སྐབས་ཐོབ་སོང་།།


དུས་ཡུན་གང་འཚམ་ཐུང་ཡང་།།
འཛིན་གྲོགས་ཕོ་མོ་བཟང་བས།།
བྲལ་ནས་གང་འཚམ་སོང་ཡང་།།
ཁོང་ཚོ་སེམས་ནས་དྲན་གྱི།།

ཐེངས་གཅིག་འཛིན་གྲོགས་བདེ་བཀྲས།།
ཆོས་དགེར་དྲི་བ་བཏང་ནས།།
དྲིས་ལན་གནང་བའི་སྐབས་ལ།།
ཁོ་རང་གཉིད་པ་དྲན་གྱི།།

འགན་བདག་ཆོས་སྒྲོན་ལགས་ཀྱིས།།
ཕུན་ཚོགས་ཉི་མ་གསུང་དུས།།
རང་ཉིད་བོས་སོང་བསམ་ནས།།
ལགས་ཡོད་ལབ་པ་དྲན་གྱི།།

འཛིན་གྲོགས་ཉི་མ་གྲགས་པས།།
ཁམས་སྐད་དྭངས་མ་བརྒྱབ་ནས།།
འཛིན་གྲོགས་ཐུབ་ཚེ་ལགས་དང་།།
བགྲོ་གླེང་གནང་བ་དྲན་གྱི།།

ང་ཚོའི་རླངས་རྫས་རྫོགས་ནས།།
འཛིན་གྲོགས་བློ་བསྟན་ནང་ལ།།
མི་མགོ་བརྒྱད་ཙམ་འདུས་ནས།།
དགོང་ཟས་བཟས་པ་དྲན་གྱི།།

རྩེད་ཆས་ཉོ་བའི་ཆེད་དུ།།
འཛིན་གྲོགས་ཐུབ་ཚེ་ལགས་ཀྱིས།།
ཧིན་སྒོར་ཆིག་སྟོང་ལྔ་བརྒྱ།།
ཞལ་འདེབས་གནང་བ་དྲན་གྱི།།

རྩོམ་སྒྱུར་ཟབ་སྦྱོང་དེ་ལ།།
བསྡད་ཡུན་རིང་པོ་མིན་ཡང་།།
སྐྱིད་པོ་ཧ་ཅང་བྱུང་བས།།

དྲན་རྒྱུ་ཧ་ཅང་མང་གི།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།