སྐུ་ཡི་རྟ་བདུན་གངས་ཅན་ལྗོངས་ནས་འཚེར།།
མཛད་པའི་འོད་ཟེར་འཕགས་པའི་ཡུལ་ནས་འཕྲོས།།
སྙན་པའི་བ་དན་གོ་ལའི་ཁྱོན་དུ་གཡོ།།
སྐྱབས་རྗེ་ཟམ་གདོང་བླ་མར་སྙིང་ནས་བསྟོད།།
བླ་མའི་བཀའ་གསུང་མིག་འབྲས་བཞིན་དུ་སྲུང་།།
ཐེག་དཀའི་ཁུར་འགན་དུ་མ་ཕྲག་ཏུ་བཞེས།།
སྐུ་ཚེ་སྟོད་དུ་སྲིད་ཀྱི་རྟ་ཁ་བསྒྱུར།།
སྐྱབས་རྗེ་ཟམ་གདོང་བླ་མར་སྙིང་ནས་བསྟོད།།
གནའ་དེང་ཤེས་བྱ་མཐའ་དག་ཐུགས་སུ་མངའ།།
སྣ་མང་སྐད་རིགས་སྨྲ་ལ་ཐོགས་པ་བྲལ།།
སྐུ་ཚེ་སྨད་ལ་ཆོས་ཀྱི་འཁོར་ལོ་སྐོར།།
སྐྱབས་རྗེ་ཟམ་གདོང་བླ་མར་སྙིང་ནས་བསྟོད།།
No comments:
Post a Comment