Tuesday, 20 October 2015

ཨ་མྱེ་ཚང་།

སྔོན་བྱོན་མེས་པོ་དཔའ་མཛངས་ཆེ།།
ད་བཞུགས་རྒན་པོ་ཉམས་མྱོང་ཆེ།།
གསར་སྐྱེས་གཞོན་ནུ་བློ་སྟོབས་ཆེ།།
ཨ་མྱེ་ཚང་གི་གཟི་བརྗིད་ཡིན།།

བླ་མའི་དགོངས་པ་མི་དཀྲུག་པ།།
སྤུན་ཟླའི་སེམས་པ་མི་གསོད་པ།།
ལུང་པའི་རྐང་པ་མི་འདྲེན་པ།།
ཨ་མྱེ་ཚང་གི་དམ་བཅའ་ཡིན།།

རིག་གནས་སྦྱོང་ལ་བརྩོན་པ་བསྟེན།།
ཕ་སྐད་སྤྱོད་ལ་སྤོབས་པ་འཆང་།།
ལས་འབྲས་སྲུང་ལ་སྙིང་རུས་སྐྱེད།།

ཨ་མྱེ་ཚང་གི་ཆོད་སེམས་ཡིན།།

འབྲི་འདོད་ཅིག་གི་རྗེས་སུ་འབྲངས་ཏེ་བྲིས།


No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།