Wednesday, 13 November 2019

ང་།

ང་ནི་སེམས་ཅན་དུད་འགྲོ་མིན།།
ང་ནི་འགྲོ་བ་མི་ཞིག་ཡིན།།
བཟང་ངན་དབྱེ་བ་ཆོད་ཀྱི་ཡོད།།
ལས་འགན་གང་ཡིན་ཤེས་ཀྱི་ཡོད།།

ང་ཚོའི་སློབ་གྲྭ།

འཛམ་གླིང་འདི་ཡི་ནང་ལ།།
སློབ་གྲྭ་མང་པོ་ཡོད་ཀྱང་།།
ང་ཚོའི་སློབ་གྲྭ་འདྲ་བ།།
གཅིག་ཀྱང་མཐོང་རྒྱུ་མི་འདུག།

ང་།

ང་ནི་བོད་པའི་ཕྲུ་གུ་ཡིན།།
བོད་ཟས་བཟའ་རྒྱུར་དགའ་པོ་ཡོད།།
བོད་གཞས་གཏོང་རྒྱུར་དགའ་པོ་ཡོད།།
བོད་ཆས་གྱོན་རྒྱུར་དགའ་པོ་ཡོད།།

ཨ་མ།

བཀའ་དྲིན་ཆེ་བའི་མི་ནི།།
ཧ་ཅང་མང་པོ་ཡོད་ཀྱང་།།
ང་ལ་བཀའ་དྲིན་ཆེ་ཤོས།།
ང་ཡི་ཨ་མ་ཡིན་ནོ།།

འཛིན་གྲོགས།

ཡི་གེ་སྦྱོང་བའི་སྦྱོང་རོགས།།
རྩེད་མོ་རྩེ་བའི་རྩེ་རོགས།།
རྔན་པ་ཟ་བའི་ཟ་རོགས།།
ང་ཡི་འཛིན་གྲོགས་ཡིན་ནོ།།

མི་འགྲིག

ཞོགས་པ་སློབ་གྲྭར་འགྲོ་དུས།།
རྗེས་ལུས་ཐེབས་ན་མི་འགྲིག།
རང་སྦྱོང་བྱེད་པའི་སྐབས་སུ།།
འཐོམས་ནས་བསྡད་ན་མི་འགྲིག།

Tuesday, 12 November 2019

ང་ཚོའི་དགྲ་བོ་ངོ་མ།

སྐྱིད་པའི་ཕ་ས་འཕྲོག་མཁན་རྒྱ་མི་ཡིན།།
རིགས་གཅིག་སྤུན་ཟླ་གསོད་མཁན་རྒྱ་མི་ཡིན།།
ཆོས་རིག་རྩ་མེད་བཟོ་མཁན་རྒྱ་མི་ཡིན།།
རྒྱ་མི་ང་ཚོའི་དགྲ་བོ་ངོ་མ་ཡིན།།

ང་ནི།

ང་ནི་སློབ་ཕྲུག་ཡག་པོ་ཡིན།།
སློབ་སྦྱོང་བྱེད་པའི་སློབ་ཕྲུག་ཡིན།།
དབྱར་ཁའི་གུང་སེང་སྐབས་ལ་ཡང་།།
སློབ་སྦྱོང་བྱས་ནས་བསྡད་ཀྱི་ཡིན།།

བོད་ཕྲུག

ཁྱེད་རང་བོད་ཕྲུག་ཡིན་ན།།
བོད་སྐད་གཙང་མ་ཤོད་དང་།།
ཁྱེད་རང་བོད་ལ་དགའ་ན།།
བོད་ཡིག་ཡག་པོ་བྲིས་དང་།།

བོད།

བོད་ནི་ང་ཚོའི་ཕ་ཡུལ་ཡིན།།
འཛམ་གླིང་ནང་ནས་མཐོ་ཤོས་ཡིན།།
མཐའ་བཞི་གངས་རིས་བསྐོར་ནས་ཡོད།།
ང་ནི་ཕ་ཡུལ་བོད་ལ་དགའ།།

དེ་རིང་གི་སེམས་ཚོར།

ཚལ་གྲི་རྣོ་མེད་ཨན་རྡར་སྟེང་།།
ཤུགས་ཀྱིས་གཞུས་ཏེ་རང་མི་ལ།།
འཐབ་ཏུ་འགྲོ་བར་རྩོམ་པའི་ཚུལ།།
ཡིད་ལ་འཁོར་དུས་དགོད་རེ་བྲོ།།

དྲིན་ཆེན་རྣམ་གསུམ།

ཟླ་དགུ་མངལ་དུ་ཉར་མཁན།།
ཞིམ་མངར་ནུ་ཞོ་སྟེར་མཁན།།
ང་ཡི་དྲིན་ཆེན་ཨ་མ།།
ཁྱེད་རང་སྐུ་ཚེ་རིང་ཤོག།

Wednesday, 8 May 2019

པཎ་ཆེན་རིན་པོ་ཆེ།

པཎ་ཆེན་སྐུ་ཕྲེང་བཅུ་པ།།
བློ་བཟང་ཆོས་ཀྱི་རྒྱལ་མཚན།།
བོད་ནས་དགོངས་པ་རྫོགས་ནས།།
མི་ལོ་སུམ་ཅུ་ཕྱིན་སོང་།།

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།