བཀའ་དྲིན་ཆེ་བའི་མི་ནི།།
ཧ་ཅང་མང་པོ་ཡོད་ཀྱང་།།
ང་ལ་བཀའ་དྲིན་ཆེ་ཤོས།།
ང་ཡི་ཨ་མ་ཡིན་ནོ།།
ཟླ་དགུ་མངལ་ལ་ཉར་སོང་།།
དཀའ་ངལ་མང་པོ་མྱངས་སོང་།།
ང་རང་སྐྱེས་པའི་རྗེས་ལ།།
ནུ་ཞོ་སྤྲད་ནས་གསོས་སོང་།།
དྲིན་ཆེན་ཨ་མའི་བཀའ་དྲིན།།
ནམ་ཡང་བརྗེད་ས་མ་རེད།།
ཨ་མ་དགའ་བའི་ཆེད་དུ།།
སློབ་སྦྱོང་སྦྱང་གི་ཡིན་ནོ།།
༼འཛིན་གྲྭ་དང་པོའི་ཆེད་དུ་བྲིས།༽
No comments:
Post a Comment