སྐྱིད་པའི་ཕ་ས་འཕྲོག་མཁན་རྒྱ་མི་ཡིན།།
རིགས་གཅིག་སྤུན་ཟླ་གསོད་མཁན་རྒྱ་མི་ཡིན།།
ཆོས་རིག་རྩ་མེད་བཟོ་མཁན་རྒྱ་མི་ཡིན།།
རྒྱ་མི་ང་ཚོའི་དགྲ་བོ་ངོ་མ་ཡིན།།
རིན་ཆེན་གཏེར་ཁ་སྔོག་མཁན་རྒྱ་མི་ཡིན།།
རི་སྐྱེས་སྲོག་ཆགས་རྔོན་མཁན་རྒྱ་མི་ཡིན།།
དྭངས་གཙང་ཆུ་བོ་སྦག་མཁན་རྒྱ་མི་ཡིན།།
རྒྱ་མི་ང་ཚོའི་དགྲ་བོ་ངོ་མ་ཡིན།།
འབྲོག་པ་གྲོང་ལ་འདེད་མཁན་རྒྱ་མི་ཡིན།།
གྲྭ་བཙུན་དགོན་ནས་འབུད་མཁན་རྒྱ་མི་ཡིན།།
བོད་མི་རྒྱ་མིར་སྒྱུར་མཁན་རྒྱ་མི་ཡིན།།
རྒྱ་མི་ང་ཚོའི་དགྲ་བོ་ངོ་མ་ཡིན།།
མི་རིགས་དབྱེ་འབྱེད་བྱེད་མཁན་རྒྱ་མི་ཡིན།།
བོད་པ་ལས་མེད་བཟོ་མཁན་རྒྱ་མི་ཡིན།།
ཉེས་མེད་བཙོན་དུ་འཇུག་མཁན་རྒྱ་མི་ཡིན།།
རྒྱ་མི་ང་ཚོའི་དགྲ་བོ་ངོ་མ་ཡིན།།
བླ་མར་མཚན་སྨད་ཞུ་མཁན་རྒྱ་མི་ཡིན།།
བོད་མིར་བཙན་གནོན་བྱེད་མཁན་རྒྱ་མི་ཡིན།།
འགྲོ་མིའི་རང་དབང་འཕྲོག་མཁན་རྒྱ་མི་ཡིན།།
རྒྱ་མི་ང་ཚོའི་དགྲ་བོ་ངོ་མ་ཡིན།།
No comments:
Post a Comment