Tuesday, 12 November 2019

ང་ནི།

ང་ནི་སློབ་ཕྲུག་ཡག་པོ་ཡིན།།
སློབ་སྦྱོང་བྱེད་པའི་སློབ་ཕྲུག་ཡིན།།
དབྱར་ཁའི་གུང་སེང་སྐབས་ལ་ཡང་།།
སློབ་སྦྱོང་བྱས་ནས་བསྡད་ཀྱི་ཡིན།།

ང་ནི་བུ་ཕྲུག་ཡག་པོ་ཡིན།།
ཕ་མར་དགའ་བའི་བུ་ཕྲུག་ཡིན།།
མ་འོངས་ཆེན་པོ་ཆགས་པའི་སྐབས།།
ཕ་མར་ཞབས་ཕྱི་ཞུ་གི་ཡིན།།

ང་ནི་གངས་ཕྲུག་ཡག་པོ་ཡིན།།
རྩམ་པ་ཟ་མཁན་གངས་ཕྲུག་ཡིན།།
བོད་སྐད་བོད་ཡིག་སྦྱངས་བྱས་ནས།།
བོད་ཀྱི་རིག་གཞུང་བསྲུང་གི་ཡིན།།

༼འཛིན་གྲྭ་དང་པོའི་ཆེད་དུ་བྲིས།༽

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།