Wednesday, 13 November 2019

ང་།

ང་ནི་སེམས་ཅན་དུད་འགྲོ་མིན།།
ང་ནི་འགྲོ་བ་མི་ཞིག་ཡིན།།
བཟང་ངན་དབྱེ་བ་ཆོད་ཀྱི་ཡོད།།
ལས་འགན་གང་ཡིན་ཤེས་ཀྱི་ཡོད།།

ང་ནི་སློབ་གྲྭར་འགྲོ་མཁན་ཡིན།།
ཉིན་ལྟར་སློབ་གྲྭར་འགྲོ་གི་ཡོད།།
སློབ་སྦྱོང་ཡག་པོ་བྱེད་རྒྱུ་ནི།།
ང་ཡི་ལས་འགན་གཙོ་བོ་ཡིན།།

ང་ནི་ང་རང་གཅིག་པུ་མིན།།
ང་ཡི་རྒྱབ་ལ་ཕ་མ་ཡོད།།
ཁོང་ཚོ་ཐུགས་སེམས་ཕམ་པའི་ལས།།
ང་ཡིས་ནམ་ཡང་བྱེད་ཀྱི་མིན།།

༼འཛིན་གྲྭ་བཞི་པའི་ཆེད་དུ་བྲིས།༽

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།