Wednesday, 13 November 2019

ང་ཚོའི་སློབ་གྲྭ།

འཛམ་གླིང་འདི་ཡི་ནང་ལ།།
སློབ་གྲྭ་མང་པོ་ཡོད་ཀྱང་།།
ང་ཚོའི་སློབ་གྲྭ་འདྲ་བ།།
གཅིག་ཀྱང་མཐོང་རྒྱུ་མི་འདུག།

ཁོར་ཡུག་མཛེས་སྡུག་ལྡན་ཞིང་།།
མཐུན་རྐྱེན་ཕུན་སུམ་ཚོགས་པ།།
དགེ་རྒན་ལས་བྱེད་རྣམ་པ།།
དྲིན་ཆེན་ཕ་མ་འདྲ་བ།།

ལུས་ལ་སྒྲིག་ཆས་གྱོན་ཞིང་།།
གདོང་ལ་འཛུམ་མདངས་འཁྱིལ་བའི།།
གཤིས་བཟང་སློབ་ཕྲུག་ཚང་མ།།
སློབ་གྲྭ་འདི་རུ་འཛོམས་ཡོད།།

༼འཛིན་གྲྭ་གཉིས་པའི་ཆེད་དུ་བྲིས།༽

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།