ཡི་གེ་སྦྱོང་བའི་སྦྱོང་རོགས།།
རྩེད་མོ་རྩེ་བའི་རྩེ་རོགས།།
རྔན་པ་ཟ་བའི་ཟ་རོགས།།
ང་ཡི་འཛིན་གྲོགས་ཡིན་ནོ།།
ཞབས་བྲོ་འཁྲབ་པའི་འཁྲབ་རོགས།།
གླུ་གཞས་གཏོང་བའི་གཏོང་རོགས།།
སྙན་ཚིག་སྐྱོར་བའི་སྐྱོར་རོགས།།
ང་ཡི་འཛིན་གྲོགས་ཡིན་ནོ།།
ང་ཡི་འཛིན་གྲོགས་ཚང་མ།།
ཁྱིམ་ཚང་གཅིག་ནས་མིན་ཡང་།།
གཅེན་གཅུང་ཡིན་པ་ནང་བཞིན།།
འཆམ་མཐུན་ངང་ནས་གནས་ཡོད།།
༼འཛིན་གྲྭ་གསུམ་པའི་ཆེད་དུ་བྲིས།༽
No comments:
Post a Comment