Wednesday, 13 November 2019

མི་འགྲིག

ཞོགས་པ་སློབ་གྲྭར་འགྲོ་དུས།།
རྗེས་ལུས་ཐེབས་ན་མི་འགྲིག།
རང་སྦྱོང་བྱེད་པའི་སྐབས་སུ།།
འཐོམས་ནས་བསྡད་ན་མི་འགྲིག།

དགེན་གྱིས་སློབ་ཁྲིད་གནང་དུས།།
རྣམ་གཡེང་བྱས་ན་མི་འགྲིག།
གཞན་གྱི་འབྲི་དེབ་གཡར་ནས།།
ནང་ལས་བཤུས་ན་མི་འགྲིག།

རྔན་པ་བཟས་པའི་གད་སྙིགས།།
གང་སར་གཡུགས་ན་མི་འགྲིག།
རང་ལས་ཆུང་བའི་མི་ལ།།
ཐུབ་ཚོད་བཏང་ན་མི་འགྲིག།

བཀའ་དྲིན་ཅན་གྱི་ཕ་མ།།
གཡོག་པོ་བཟོས་ན་མི་འགྲིག།
རྒྱུགས་འབྲས་ཞན་པོ་བླངས་ནས།།
ཞབས་འདྲེན་ཞུས་ན་མི་འགྲིག།

གཅིག་ནས་མི་ཞིག་ཡིན་ལ།།
གཉིས་ནས་སློབ་ཕྲུག་ཡིན་པས།།
མི་འགྲིག་བྱ་བ་སྤངས་ནས།།
འགྲིགས་པའི་བྱ་བ་བྱེད་དགོས།།

༼འཛིན་གྲྭ་གསུམ་པའི་ཆེད་དུ་བྲིས།༽

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།