Tuesday, 12 November 2019

དེ་རིང་གི་སེམས་ཚོར།

ཚལ་གྲི་རྣོ་མེད་ཨན་རྡར་སྟེང་།།
ཤུགས་ཀྱིས་གཞུས་ཏེ་རང་མི་ལ།།
འཐབ་ཏུ་འགྲོ་བར་རྩོམ་པའི་ཚུལ།།
ཡིད་ལ་འཁོར་དུས་དགོད་རེ་བྲོ།།

སུ་ཡིན་གང་དུ་ཡོད་མེད་ཀྱང་།།
ཤེས་པའི་བསམ་བློ་མ་མཆིས་པར།།
དཔའ་རྒོད་ཡིན་པའི་འཁྲབ་སྟོན་ལ།།
ཅི་ཞིག་བྱ་དགོས་ཆ་མ་འཚལ།།

སློབ་གྲྭ་ཞིག་དང་སློབ་གྲྭ་ཡི།།
མི་ལ་བརྩི་འཇོག་མི་བྱེད་པར།།
ཚལ་གྲི་ཕྱར་ཏེ་སྡིག་སྟངས་དེས།།
ང་ནི་ངོ་མ་ཧད་དུ་བཅུག།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།