Wednesday, 13 November 2019

ང་།

ང་ནི་བོད་པའི་ཕྲུ་གུ་ཡིན།།
བོད་ཟས་བཟའ་རྒྱུར་དགའ་པོ་ཡོད།།
བོད་གཞས་གཏོང་རྒྱུར་དགའ་པོ་ཡོད།།
བོད་ཆས་གྱོན་རྒྱུར་དགའ་པོ་ཡོད།།

ང་ནི་བོད་པའི་ཕྲུ་གུ་ཡིན།།
བོད་སྐད་བཤད་རྒྱུར་དགའ་པོ་ཡོད།།
བོད་ཡིག་སྦྱོང་རྒྱུར་དགའ་པོ་ཡོད།།
བོད་པ་བྱེད་རྒྱུར་དགའ་པོ་ཡོད།།

ང་ནི་བོད་པའི་ཕྲུ་གུ་ཡིན།།
བོད་པའི་མི་ལ་དགའ་པོ་ཡོད།།
བོད་པའི་ཆོས་ལ་དགའ་པོ་ཡོད།།
བོད་པའི་ལུང་པར་དགའ་པོ་ཡོད།།

༼འཛིན་གྲྭ་དང་པོའི་ཆེད་དུ་བྲིས།༽

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།