བོད་ནི་ང་ཚོའི་ཕ་ཡུལ་ཡིན།།
འཛམ་གླིང་ནང་ནས་མཐོ་ཤོས་ཡིན།།
མཐའ་བཞི་གངས་རིས་བསྐོར་ནས་ཡོད།།
ང་ནི་ཕ་ཡུལ་བོད་ལ་དགའ།།
སྐྱིད་པའི་བོད་ཀྱི་ལུང་པ་ལ།།
སེམས་བཟང་ཅན་གྱི་བོད་མི་ཡོད།།
མཛེས་སྡུག་ལྡན་པའི་རྩྭ་ཐང་ཡོད།།
ང་ནི་ཕ་ཡུལ་བོད་ལ་དགའ།།
ང་རང་བོད་དུ་མ་སྐྱེས་ཤིང་།།
བོད་དེ་མིག་གིས་མ་མཐོང་ཡང་།།
ང་རང་བོད་ལ་དགའ་བས་ན།།
ཕ་ཡུལ་བོད་ལ་ལོག་འདོད་ཡོད།།
༼འཛིན་གྲྭ་གཉིས་པའི་ཆེད་དུ་བྲིས།༽
No comments:
Post a Comment