Tuesday, 12 November 2019

བོད་ཕྲུག

ཁྱེད་རང་བོད་ཕྲུག་ཡིན་ན།།
བོད་སྐད་གཙང་མ་ཤོད་དང་།།
ཁྱེད་རང་བོད་ལ་དགའ་ན།།
བོད་ཡིག་ཡག་པོ་བྲིས་དང་།།

དབྱིན་སྐད་ཧིན་སྐད་ལ་སོགས།།
ཤེས་ན་ཡག་པོ་ཡོད་ཀྱང་།།
བོད་ཡིག་ཤེས་ཀྱི་མེད་ན།།
བོད་པ་ཕྱེད་ཀ་ཡིན་ནོ།།

བོད་པ་ཞིག་ཏུ་སྐྱེས་པ།།
སྐྱེ་བ་སྔོན་མའི་ལས་རེད།།
བོད་པ་བྱས་ནས་འཆི་རྒྱུ།།
ཁྱེད་རང་ཉིད་ཀྱི་འགན་རེད།།

༼འཛིན་གྲྭ་གསུམ་པའི་ཆེད་བྲིས།༽

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།