Sunday, 27 May 2018

སྟོང་བསམ་དང་དོན་དངོས།


ཐང་མར་བརྡལ་བའི་ལྕགས་ལམ་རིང་མོད་ཀྱང་།།
དར་མདོག་ལྗང་ཁུས་གཡབ་མོ་མ་བྱས་ན།།
ཁྱད་ཆོས་བཟང་རྒུ་རྫོགས་པའི་མེ་འཁོར་དེས།།
དངོས་སུ་འགུལ་སྐྱོད་བྱེད་པ་ག་ལ་སྲིད།།

Monday, 21 May 2018

མི་ཚེའི་བརྒྱུད་རིམ།


བཅུ་ལ་ལོན་དུས་སྐྱེས་ཡུལ་བཞག་ཡིན།།
བཅུ་གཉིས་ཆགས་དུས་མི་ཡུལ་འབྱོར་སོང་།།
སློབ་གྲྭ་འགྲིམ་པའི་གོ་སྐབས་བཟང་པོ།།
མགོན་པོའི་ཐུགས་རྗེས་བདག་ལ་ཐོབ་སོང་།།

སློབ་གྲྭ་དང་གྲོང་མི།


རང་གི་ཕྲུ་གུ་སློབ་གྲྭ་འདིར།།
མེད་པའི་རྒྱུ་མཚན་ལ་བརྟེན་ནས།།
སློབ་གྲྭར་ཁ་ཡ་མི་བྱེད་པའི།།
གྲོང་མི་རེ་ཟུང་མཐོང་རྒྱུ་འདུག།

མཚན་གཡོག


ན་རྒས་གྱོས་མོ་ནད་ཀྱིས་མནར་ཏེ་ཅུང་ཟད་མ་གཏོགས་ཕྱི་མར་ཆས་སོང་།།
སྨན་བཅོས་ལག་རྩལ་བཟང་བའི་མཐུ་ལས་འཆི་བདག་ཁ་ནས་འཕྲོག་པར་ནུས་སོང་།།
ཡར་སློང་མར་སྙོལ་ལས་ཀྱི་དགོས་མཁོས་མཚན་གཡོག་རེ་མོས་གཏན་ལ་ཕབ་སོང་།།
བཅུ་ནས་གཉིས་དང་གཉིས་ནས་དྲུག་སྟེ་དོ་ནུབ་ང་རང་ཕྱི་མར་ཁེལ་ཡོད།།

ཆིག་ལབ།


མཆིན་པ་སྙི་པོ་ལྡུར་ནས་འདུག།
སྦ་ཁུག་སྲབ་པོ་ལེབ་ནས་འདུག།
བུ་མོ་ཆུང་ཆུང་འཐོམས་ནས་འདུག།
ད་ནི་ལྡོག་ཤེས་བྱེད་ལ་རན།།

Monday, 7 May 2018

བུ་མོ་ཡིད་ཀྱི་མེ་ཏོག

ལུས་ཕྲ་སྤམ་མཛེས་གོས་ནབ་མ།།
བཞིན་དཀར་དལ་ལྷོད་འགྲོས་བཟང་མ།།
སྨྲ་ཉུང་གཞན་སེམས་དཔོག་མཁས་མ།།
བདག་སེམས་བུང་བ་ལྡིང་ས་མ།།

སྐྱོ་གླུ་ཡིད་ཀྱི་སྨྲེ་ངག


ཧམ་ཆེན་རྒྱ་མིས་བོད་ས་བཟུང་བས།།
མ་བུ་གསོན་བྲལ་བྱ་དགོས་བྱུང་སོང་།།
ཨ་མའི་འཛུམ་ཞལ་མཇལ་ན་འདོད་ཀྱང་།།
མཇལ་རྒྱུ་ཡོད་པ་དོན་སྤྱི་ཙམ་རེད།།

སློབ་གྲྭ་དྲན་གླུ།


སློབ་གྲྭར་སྡོད་ཡུན་རྫོགས་སོང་།།
རྒྱུས་མེད་གླིང་དུ་སླེབས་སོང་།།
ལོ་བཅུ་བསྡད་སའི་སློབ་གྲྭ།།
ཡིད་ལ་ཡང་ཡང་དྲན་བྱུང་།།

Sunday, 6 May 2018

གཅུང་མོའི་བཀའ་དྲིན།


ཐོག་མ་ཡི་ངུ་སྒྲ།།
བདག་ཉིད་ཀྱིས་བསྒྲགས་ཀྱང་།།
རང་རྐང་དུ་ལང་དུས།།
གཅུང་མོ་དེ་སྔ་སོང་།།

ངས་འདི་ལྟར་འདོད།


རྒྱ་གར་ཡུལ་གྲུ་འདིར།།
འབྱོར་ནས་ལོ་མང་སོང་།།
འཆི་བདག་མ་སླེབས་སྔོན།།
ཕ་སར་ལོག་ན་འདོད།།

Thursday, 3 May 2018

འཁང་ར།


ངས་འབད་བརྩོན་གྱིས།།
དཔེ་འབྲི་སེམས་ཀྱང་།།
སྦྱོར་གོམས་མེད་ཀྱིས།།
ང་ཡུན་རིང་འགོར།།

ང་ཡིས་ཚོར་ཐུབ་པའི་ཁོ་མོའི་སེམས་ངལ།


བརྩེ་ལྡན་མཛའ་མོ།།
ཡིད་ལ་འཁོར་ནས།།
ཁ་པར་བརྒྱུད་དེ།།
གཏམ་གླེང་བྱས་ཡིན།།

བོད།


དཀར་གངས་རི།།
ཡངས་རྩྭ་ཐང་།།
དྭངས་ཆུ་བོ།།
བོད་མཛེས་སོ།།

ཡིད་ཀྱི་སྨོན་པ།


རྒྱལ་ཁབ་དང་།།
མི་རིགས་ཆེད།།
གཅེས་སྲོག་དེ།།
ཕངས་མེད་བཏང་།།

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།