Sunday, 6 May 2018

གཅུང་མོའི་བཀའ་དྲིན།


ཐོག་མ་ཡི་ངུ་སྒྲ།།
བདག་ཉིད་ཀྱིས་བསྒྲགས་ཀྱང་།།
རང་རྐང་དུ་ལང་དུས།།
གཅུང་མོ་དེ་སྔ་སོང་།།


ངལ་བརྒྱ་ཡིས་བསགས་པའི།།
ཡོང་འབབ་རེ་འཐོབ་དུས།།
བློ་ཚིམ་གྱི་དངུལ་སྐྱེས།།
ཆད་མེད་དུ་གནང་བྱུང་།།

དྲིན་ཆེན་གྱི་གཅུང་མོས།།
བྱས་པ་དག་དྲན་དུས།།
དྲིན་ཚོར་གྱི་མིག་ཆུ།།
སེམས་ཁོང་ནས་བཞུར་འོང་།།

(འདི་ནི་ངལ་གསོའི་གཅོད་མཚམས་དཀྱིལ་ན་ཡོད་པའི་ཚེག་ཁྱིམ་ལྔ་པ་ཅན་ལ་རང་རྩོམ་དཔེར་བརྗོད་བྲིས་པ་ཞིག་རེད།)

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།