Thursday, 3 May 2018

ཡིད་ཀྱི་སྨོན་པ།


རྒྱལ་ཁབ་དང་།།
མི་རིགས་ཆེད།།
གཅེས་སྲོག་དེ།།
ཕངས་མེད་བཏང་།།


རྒྱལ་གཅེས་ཚོའི།།
སྙིང་སྟོབས་ལ།།
སེམས་གཏིང་ནས།།
གུས་འདུད་ཞུ།།

གངས་ཅན་གྱི།།
༸མགོན་པ་ཡིས།།
དག་ཞིང་དུ།།
འདྲེན་པར་སྨོན།།

(འདི་ནི་ངལ་གསོའི་གཅོད་མཚམས་མཐའ་ན་ཡོད་པའི་ཚེག་ཁྱིམ་གསུམ་པ་ཅན་ལ་རང་རྩོམ་དཔེར་བརྗོད་བྲིས་པ་ཞིག་རེད།)

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།