རྒྱ་གར་ཡུལ་གྲུ་འདིར།།
འབྱོར་ནས་ལོ་མང་སོང་།།
འཆི་བདག་མ་སླེབས་སྔོན།།
ཕ་སར་ལོག་ན་འདོད།།
དྲིན་ཆེན་ཨ་མ་ལ།།
དྲིན་ལན་གསབ་ཕྱིར་དུ།།
ལྷད་མེད་བསམ་པ་ཡིས།།
རྒན་གཡོག་རྒྱུག་ན་འདོད།།
ཁང་ཐོག་གཅིག་འོག་ཏུ།།
ནང་མི་ལྷན་འཛོམས་ངང་།།
སྐྱིད་སྡུག་མཉམ་མྱོང་ཞིག།
ཡོང་རྒྱུ་ཡོད་ན་འདོད།།
(འདི་ནི་ངལ་གསོའི་གཅོད་མཚམས་མཐའ་ན་ཡོད་པའི་ཚེག་ཁྱིམ་ལྔ་པ་ཅན་ལ་རང་རྩོམ་དཔེར་བརྗོད་བྲིས་པ་ཞིག་རེད།)
No comments:
Post a Comment