ངས་འབད་བརྩོན་གྱིས།།
དཔེ་འབྲི་སེམས་ཀྱང་།།
སྦྱོར་གོམས་མེད་ཀྱིས།།
ང་ཡུན་རིང་འགོར།།
སྐབས་ཡོད་པའི་ཚེ།།
ངན་གཡེང་དང་འགྲོགས།།
ད་དགོས་པའི་དུས།།
ལག་རྡུམ་པར་ཤེས།།
སྐྱིད་སློབ་གྲྭ་ལ།།
སླར་འཛུལ་འདོད་མོད།།
སྐལ་རྫོགས་པ་ལས།།
གླགས་ག་ལ་རྙེད།།
(འདི་ནི་ངལ་གསོའི་གཅོད་མཚམས་ཐོག་མཐའ་ན་ཡོད་པའི་ཚེག་ཁྱིམ་བཞི་པ་ཅན་ལ་རང་རྩོམ་དཔེར་བརྗོད་བྲིས་པ་ཞིག་རེད།)
No comments:
Post a Comment