ཐང་མར་བརྡལ་བའི་ལྕགས་ལམ་རིང་མོད་ཀྱང་།།
དར་མདོག་ལྗང་ཁུས་གཡབ་མོ་མ་བྱས་ན།།
ཁྱད་ཆོས་བཟང་རྒུ་རྫོགས་པའི་མེ་འཁོར་དེས།།
དངོས་སུ་འགུལ་སྐྱོད་བྱེད་པ་ག་ལ་སྲིད།།
སྤྲེལ་ལྟར་མཆོང་རྩལ་ཡོད་ན་བསམ་དང་གཉིས།།
རྟ་ལྟར་རྒྱུག་རྩལ་ཡོད་ན་སྨོན་དང་གསུམ།།
དེ་གསུམ་ཡིད་ཀྱི་སྐྱིད་པའི་འཇིག་རྟེན་ཡིན།།
ཡིད་ཀྱི་བུ་ཆུང་གར་འདོད་བཏང་གྱུར་ན།།
གར་འགྲོའི་གནས་ནི་རྩྭ་ཐང་བདེ་མོ་རེད།།
ལུས་ཀྱི་འཕྲུལ་རྟས་དངོས་སུ་འགྲུལ་བའི་ཚེ།།
གར་འགྲོའི་ས་ནི་བྱེ་ཐང་སྐྱ་མོ་རེད།།
No comments:
Post a Comment