Monday, 21 May 2018

སློབ་གྲྭ་དང་གྲོང་མི།


རང་གི་ཕྲུ་གུ་སློབ་གྲྭ་འདིར།།
མེད་པའི་རྒྱུ་མཚན་ལ་བརྟེན་ནས།།
སློབ་གྲྭར་ཁ་ཡ་མི་བྱེད་པའི།།
གྲོང་མི་རེ་ཟུང་མཐོང་རྒྱུ་འདུག།


རང་གི་ཕྲུ་གུ་སློབ་གྲྭ་ནས།།
ཐོན་ནས་ད་ལྟ་མེད་ན་ཡང་།།
སློབ་གྲྭར་ཤ་ཚ་རབ་བྱེད་པའི།།
གྲོང་མི་རེ་ཟུང་མཐོང་རྒྱུ་འདུག།

རང་གི་ཕྲུ་གུ་སློབ་གྲྭ་འདིར།།
ད་ལྟ་སློབ་མུས་ཡིན་ན་ཡང་།།
སློབ་གྲྭར་ཕན་པ་མི་སྒྲུབ་པའི།།
གྲོང་མི་རེ་ཟུང་མཐོང་རྒྱུ་ཡིན།།

རང་གི་ཕྲུ་གུ་སློབ་གྲྭ་འདིར།།
སློབ་མུས་ཡིན་པའི་རྒྱུ་མཚན་གྱིས།།
སློབ་གྲྭར་ནམ་ཡང་རོགས་བྱེད་པའི།།
གྲོང་མི་གང་འཚམ་མང་པོ་འདུག།

རང་གི་ཕྲུ་གུ་སློབ་གྲྭ་འདིར།།
བསླབས་མྱོང་མེད་པའི་རྒྱུ་མཚན་གྱིས།།
སློབ་གྲྭ་ཡལ་བར་འདོར་བྱེད་པའི།།
གྲོང་མི་རེ་ཟུང་མཐོང་རྒྱུ་འདུག།

རང་གི་ཕྲུ་གུ་སློབ་གྲྭ་འདིར།།
བསླབས་མྱོང་ཡེ་ནས་མེད་ན་ཡང་།།
སློབ་གྲྭར་གང་ཐུབ་ཕན་བྱེད་པའི།།
གྲོང་མི་རེ་ཟུང་མཐོང་རྒྱུ་འདུག།

སློབ་གྲྭ་ཆུང་ཆུང་འདི་ཉིད་ལ།།
ཤ་ཚ་བྱེད་མཁན་མང་བ་ཡིས།།
ཡར་རྒྱས་གང་འཚམ་སོང་ཡོད་པས།།
ཁྱེད་ཅག་བཀའ་དྲིན་བརྗེད་མི་སྲིད།།

ཕྱི་ལོ་ ༢༠༡༨ ཟླ་ ༠༥ ཚེས་ ༠༧ ཉིན་བྲིས།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།