Monday, 7 May 2018

སྐྱོ་གླུ་ཡིད་ཀྱི་སྨྲེ་ངག


ཧམ་ཆེན་རྒྱ་མིས་བོད་ས་བཟུང་བས།།
མ་བུ་གསོན་བྲལ་བྱ་དགོས་བྱུང་སོང་།།
ཨ་མའི་འཛུམ་ཞལ་མཇལ་ན་འདོད་ཀྱང་།།
མཇལ་རྒྱུ་ཡོད་པ་དོན་སྤྱི་ཙམ་རེད།།


བཅུ་ཕྲག་གཉིས་ལ་ཉེ་བའི་བགྲང་བྱ།།
མི་ཡི་ལུང་པར་བསྡད་ནས་འདས་སོང་།།
དྲིན་ཆེན་ཨ་མ་འཚོ་ཞིང་གཞེས་ཀྱང་།།
མཇལ་རྒྱུ་མེད་དུས་སེམས་པ་ན་སོང་།།

ཕ་མ་གཉིས་འཛོམས་བུ་ཕྲུག་མཐོང་དུས།།
རང་དབང་མེད་པར་ཡིད་སྨོན་འཆོར་ཞིང་།།
ལས་ངན་ང་ཡང་ཨ་མའི་གམ་དུ།།
བསྡད་རྒྱུའི་དུས་བཟང་ཤར་ན་བསམ་བྱུང་།།

(འདི་ནི་ཚེག་ཁྱིམ་བརྒྱད་པ་ཅན་ལ་རང་རྩོམ་དཔེར་བརྗོད་བྲིས་པ་ཞིག་རེད།)

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།