Thursday, 3 May 2018

བོད།


དཀར་གངས་རི།།
ཡངས་རྩྭ་ཐང་།།
དྭངས་ཆུ་བོ།།
བོད་མཛེས་སོ།།


གཏེར་སྣ་ཚོགས།།
ཕྱུགས་མོད་པོ།།
འབྲུ་སྣ་ལྔ།།
བོད་ཕྱུག་གོ།།

གནམ་གཡའ་བྲལ།།
གླུ་སྙན་མོ།།
མི་བཟང་པོ།།
བོད་སྐྱིད་དོ།།

(འདི་ནི་ངལ་གསོའི་གཅོད་མཚམས་ཐོག་མ་ན་ཡོད་པའི་ཚེག་ཁྱིམ་གསུམ་པ་ཅན་ལ་རང་རྩོམ་དཔེར་བརྗོད་བྲིས་པ་ཞིག་རེད།)

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།