Monday, 21 May 2018

ཆིག་ལབ།


མཆིན་པ་སྙི་པོ་ལྡུར་ནས་འདུག།
སྦ་ཁུག་སྲབ་པོ་ལེབ་ནས་འདུག།
བུ་མོ་ཆུང་ཆུང་འཐོམས་ནས་འདུག།
ད་ནི་ལྡོག་ཤེས་བྱེད་ལ་རན།།

ཆུང་མ་བསམ་ཡོད་བསུན་ནས་འདུག།
འབྲེལ་ཡོད་ཕ་མ་འཚེར་ནས་འདུག།
རང་ཉིད་འགྱོད་པས་མནར་ནས་འདུག།
ད་ནི་ལྡོག་ཤེས་བྱེད་ལ་རན།།

བུ་མོ་ཆུང་ངུའི་བདེ་འཇགས་དང་།།
ཆུང་མ་བཟང་མོའི་འདོད་མོས་ཏེ།།
རང་གི་བདེ་ཐང་ལ་བསམ་ན།།
ད་ནི་ལྡོག་ཤེས་བྱེད་ལ་རན།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།