སློབ་གྲྭར་སྡོད་ཡུན་རྫོགས་སོང་།།
རྒྱུས་མེད་གླིང་དུ་སླེབས་སོང་།།
ལོ་བཅུ་བསྡད་སའི་སློབ་གྲྭ།།
ཡིད་ལ་ཡང་ཡང་དྲན་བྱུང་།།
གྲོགས་མེད་ཁེར་རྐྱང་ངང་ནས།།
ཉིན་མཚན་འདའ་བར་བྱེད་དུས།།
བློ་མཐུན་གྲོགས་པོ་མང་སའི།།
སློབ་གྲྭ་ཡིད་ལ་འཁོར་བྱུང་།།
གར་འགྲོ་ངེས་པ་མེད་ནས།།
ཤག་ཏུ་གཅིག་པུར་ལྷག་དུས།།
གང་ཞིག་གར་ཡོད་ཤེས་སའི།།
སློབ་གྲྭ་ལྷང་ངེར་དྲན་བྱུང་།།
(འདི་ནི་ངལ་གསོའི་གཅོད་མཚམས་མེད་པའི་ཚེག་ཁྱིམ་དྲུག་པ་ཅན་ལ་རང་རྩོམ་དཔེར་བརྗོད་བྲིས་པ་ཞིག་རེད།)
👍👍
ReplyDelete