Monday, 7 May 2018

བུ་མོ་ཡིད་ཀྱི་མེ་ཏོག

ལུས་ཕྲ་སྤམ་མཛེས་གོས་ནབ་མ།།
བཞིན་དཀར་དལ་ལྷོད་འགྲོས་བཟང་མ།།
སྨྲ་ཉུང་གཞན་སེམས་དཔོག་མཁས་མ།།
བདག་སེམས་བུང་བ་ལྡིང་ས་མ།།


ཆག་མེད་དུས་ཐོག་ལས་བྱེད་མ།།
སྤྱི་སྒེར་གལ་གནད་དཔྱོད་ཤེས་མ།།
ངལ་བརྒྱ་གདོང་ལེན་བྱེད་སྤོབས་མ།།
ཉིན་མཚན་དབྱེར་མེད་ཡིད་འཁོར་མ།།

ཁྱི་ལྡོམ་ངན་གཤིས་མི་ལྡན་མ།།
གཡོ་སྒྱུ་གནོད་སེམས་མི་འཆང་མ།།
མིག་སེར་འདོད་རྔམ་མི་བྱེད་མ།།
མིང་དོན་མཚུངས་པའི་མིང་འཛིན་མ།།

(འདི་ནི་ངལ་གསོའི་གཅོད་མཚམས་མཐའ་ལ་ཡོད་པའི་ཚེག་ཁྱིམ་བདུན་པ་ཅན་ལ་རང་རྩོམ་དཔེར་བརྗོད་བྲིས་པ་ཞིག་རེད།)

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།